Open Menu

AUTHOR GUIDELINES DZO

Note: For proper display of Dzongkha text, go to the browser settings and change the Standard font to "DDC Uchen" under Appearance.

རྩོམ་བྲིས་པའི་ལམ་སྟོན།

འབྲུག་གསོ་རིག་དུས་དེབ་ནང་རྩོམ་ཡིག་ཕུལ་ནིའི་བྱ་རིམ་ རིམ་པ་གསུམ་ཡོད།

༡. མ་ཕུལ་བའི་སྔོན་མ།

༢. ཕུལ་ནིའི་གྲ་སྒྲིག་ཚུདཔ།

༣. ཕུལ་ནི་དང་ཡར་རྒྱས་བཅས་གསུམ།

དབྱིན་སྐད་ནང་ཡོད་པའི་རྩོམ་བྲིས་པའི་ལམ་སྟོན་འདི་ འདི་ནང(https://bsj.com.bt/index.php/bsj/libraryFiles/downloadPublic/22)་གཟིགས་ཚུགས་ནི་དང་ རྫོང་ཁ་ནང་ཡོད་པའི་རྩོམ་འབྲི་པའི་ལམ་སྟོན་ འདི་ནང་ལས(https://bsj.com.bt/index.php/bsj/libraryFiles/downloadPublic/23)་ཕབ་ལེན་མཛད་ཚུགས། འབྲུག་གསོ་རིག་དུས་དེབ་ནང་ རྩོམ་ཡིག་ཕུལ་ནིའི་གོ་སྐབས་འདི་ དུས་གཏན་རྐྱང་ངོས་ལེན་འབདཝ་ཨིན།

༡ . རྩོམ་ཡིག་མ་ཕུལ་བའི་སྔོན་མ།

ཁྱོད་ཀྱི་རྩོམ་ཡིག་འདི་ འབྲུག་གསོ་རིག་དུས་དེབ་ནང་ཕུལ་ནི་སྦེ་ངོས་འཛིན་འབད་ཞིནམ་ལས་ མ་ཕུལ་བའི་ཧེ་མ་རྒྱུས་ཆ་ཤེས་དགོཔ་དག་པ་ཅིག་ཡོད། དེ་ཡང་ཁྱོད་རའི་རྩོམ་ཡིག་འདི་དུས་དེབ་ཀྱི་དམིགས་གཏད་དང་འོས་འབབ་ནང་ཚུད་དགོ།

དུས་དེབ་འདི་ནང་རྩོམ་ཡིག་བཙུག་ནིའི་དོན་ལུ་འཐུས་སྤྲོད་མི་དགོ།

དུས་དེབ་ནང་རྩོམ་ཡིག་ཕུལ་ཡོད་མི་ཚུ་ལུ་བཀའ་དྲིན་དགའ་ཚོར་བསམ་ནི་དང་། འཕྲུལ་རིག་བརྟག་ཞིབ་དང་དཔེ་བཤུས་བརྟག་ཞིབ་ཚུ་འབད་འོང་། ཁྱོད་ཀྱི་རྩོམ་ཡིག་འདི་དུས་མཚུངས་ལུ་ དུས་དེབ་ལུ་དང་ ཡང་ན་པར་སྐྲུན་གྱི་དོན་ལུ་ གཞན་ག་ཏེ་ལུ་ཡང་ངོས་ལེན་འབད་འབདཝ་ཚུ་མེདཔ་དགོ།

༢. རྩོམ་ཡིག་ཕུལ་ནིའི་གྲ་སྒྲིག་ཚུདཔ།

རྩོམ་ཡིག་འདི་དུས་དེབ་ཡོངས་འབྲེལ་གཞི་སྟེགས་ submission(https://bsj.com.bt/index.php/bsj/submission/wizard?sectionId=1) བརྒྱུད་དེ་ཕུལ་དགོ རྩོམ་ཡིག་ཕུལ་ནིའི་ལམ་ལུགས་དང་འབྲེལ་བའི་འཕྲུལ་རིག་གི་ཆ་རོགས་འབད་དགོཔ་ཡོད་པ་ཅིན་ རྩོམ་པ་པོའི་ལམ་སྟོན་བསྐྱར་ཞིབ་མཛད་ནི་དང་ ཡང་ན་ཁྱོད་རའི་དོགས་བཅད་ཚུ་ ང་བཅས་ཀྱི་གློག་རིག་ཁ་བྱང་ནང་བཀོད་གནང་།

སྒྲིག་བཀོད་དང་འཁྲིལ་མ་དགོཔ།

རྩོམ་ཡིག་འདི་ཨིང་སྐད་དང་རྫོང་ཁ་ག་ཅི་ཨིན་རུང་ཕུལ་བའི་བྱ་རིམ་འདི་ འཇམ་ཏོག་ཏོ་དང་བདེ་ཏོག་ཏོ་འོང་ནིའི་དོན་ལུ་ སྒྲིག་བཀོད་མེད་པར་ཕུལ་ནིའི་གནང་བ་བྱིནམ་ཨིན།

ཁྱོད་ཀྱིས་མ་ཕུལ་བའི་སྔོན་མ།

ཁྱོད་རའི་རྩོམ་ཡིག་འདི།

ཞུན་དག་འབད་བཏུབ་པའི་ཡིག་ཆ་སྦེ་དགོཔ་དང་། འདི་ནང་རྩོམ་ཡིག་དང་། པར་རིས། ཐིག་ཁྲམ་ཚུ་ཚུད་དགོ ཡང་ན་ཡིག་སྣོད་སོ་སོར་སྦེ་ག་སྟབས་བདེ་མི་ཅིག་བཏུབ།

ཁྱོད་རའི་རྩོམ་ཡིག་འདི་ནང་ཚང་དགོ་པའི་སྡེ་ཚན་ཚུ་ག་ར་ཚུད་དགོ།

ཁྱོད་རའི་རྩོམ་ཡིག་འདི་ནང་བཀོད་ཡོད་པའི་པར་རིས་དང་ཐིག་ཁྲམ་ཚུ་ རྩོམ་ཡིག་དང་འབྲེལ་མཐུད་ཡོདཔ་སྦེ་དགོ། རབ་བྱུང་པ་ཅིན་པར་རིས་ཚུ་ གསལ་ཏོག་ཏོ་དང་སྤུས་ཚད་གང་དྲག་ཡོད་མི་ཚུ་བཙུགས་དགོ།

རྩོམ་ཡིག་ཁུངས་གཏུགས་ཚུ་ (Vancouver) བེན་ཀུ་བར་གྱི་སྒྲིག་བཀོད་ནང་བཙུག་དགོ།

ཁྱོད་རའི་རྩོམ་ཡིག་འདི་ནང་བཀོད་ཡོད་པའི་པར་རིས་དང་ཐིག་ཁྲམ་ཚུ་ གལ་སྲིད་ཁྱོད་རང་གིས་ར་ཧ་གོ་མ་ཚུགས་པ་ཅིན་ ཞུན་དག་པ་དང་བསྐྱར་ཞིབ་པ་ཚུ་ལུ་ཡང་ ལཱ་ཁག་འོང་ནི་ཨིནམ་ལས་ ཞུན་དག་ཡིག་ཚང་གིས་ཁྱོད་ལུ་བསྐྱར་ཞིབ་ཀྱི་དོན་ལུ་ལོག་གཏང་འོང་། དེ་བཟུམ་སྦེ་སྐད་ཡིག་འདི་སྤུས་ཚད་ཅན་སྦེ་མེད་པ་ཅིན་ བསྐྱར་ཞིབ་ཀྱི་དོན་ལུ་སླར་ལོག་བཏང་ཡང་སྲིད།

རྩོམ་པ་པོའི་ཁས་ལེན་གསལ་བསྒྲགས་འབྲི་ཤོག། (download here)(https://bsj.com.bt/index.php/bsj/libraryFiles/downloadPublic/19)

རྩོམ་ཡིག་ཕུལཝ་ད་དགོ་པའི་ཡིག་ཆ་གི་ཐོ།

༡. ཁས་ལེན་གསལ་བསྒྲགས་འབྲི་ཤོག། Declaration Form(https://bsj.com.bt/index.php/bsj/libraryFiles/downloadPublic/19)

༢. མཚན་དོན་གདོང་ཤོག

༣. རྩོམ་ཡིག་དངོས་གཞིའི་ཡིག་ཆ།

༤. ཀུན་སྤྱོད་རྣམ་གཞག་གི་གནང་བ། Ethics approval(https://bsj.com.bt/index.php/bsj/journalpolicy#ResearchEthics)

ཁྱོད་རའི་རྩོམ་ཡིག་གྲ་སྒྲིག

ཁྱོད་རའི་རྩོམ་ཡིག་གི་ཡིག་སྣོད་ནང་ དོན་ཚན་གདོང་ཤོག་དང་། རྩོམ་ཡིག་དངོས་གཞི་ཚུ་དགོ།

མཚན་དོན་གདོང་ཤོག

རྩོམ་ཡིག་མཚན་དོན་གདོང་ཤོག་ནང་གཤམ་ལུ་བཀོད་ཡོད་མི་ཚུ་ཚུད་དགོ།

དོན་ཚན་ནང་ལུ་བརྡ་སྤྲོད་གཙོ་ཅན་གྱི་ཚིག་དང་ལྡན་པའི་དོན་ཚན་བརྡ་སྤྲོད་མདོར་བསྡུས། དོན་ཚན་ནང་ལུ་བསྡུ་ཡིག་བཙུགས་མི་ཆོག

རྩོམ་བྲིས་པའི་མིང་ཆ་ཚང་(ཐོག་མ་དང་མཇུག་མིང་།) ཁོང་གི་འབྲེལ་མཐུད་དང་གློག་འཕྲིན་ཁ་བྱང་། ང་བཅས་ཀྱིས་རྩོམ་བྲིས་པ་ཚུ་ལུ་ཁོང་རའི་ORCID ཁ་བྱང་བྱིན་དགོཔ་སྦེ་སེམས་ཤུགས་སྤྲོད་ཡོད་རུང་ མཐའ་གཅིག་ཏུ་འབད་དགོཔ་མེད། (རང་དབང་སྦེ་ཐོབ་ཚུགསhttps://orcid.org)

རྩོམ་བྲིས་པ་གིས་ཞིབ་འཚོལ་འབད་སའི་གཙུག་སྡེ་མཉམ་འབྲེལ་ཚུད་དགོཔ་དང་ རྩོམ་བྲིས་པ་འདི་ལཱ་འབད་སའི་གཙུག་སྡེ་ལས་གཞན་མི་ཅིག་ནང་སྡོདཔ་ཨིན་པ་ཅིན་ ད་ལྟོ་ལཱ་འབད་སའི་གཙུག་སྡེའི་ཁ་བྱང་འདི་མཇུག་མཆན་དང་བཅས་འོང་དགོ།

འབྲེལ་གཏུགས་རྩོམ་བྲིས་པ་གཅིག་ངོས་འཛིན་འབད་དགོཔ་དང་། ཁོ/མོ་གི་འགྲེམས་ཐོག་ཁ་བྱང་བྱིན་དགོ།

གཤམ་གསལ་བཤད་ཡོད་མི་གནད་དོན་ཚུ་ཚུད་ཡོད་པ་ཅིན་བཀའ་དྲིན་དགའ་ཚོར་ནང་ཚུད་དགོ།

གསལ་བསྒྲགས་གསལ་བཤད་གཤམ་གསལ་བཀོད་ཡོད་མི་བཅས།

གནས་སྡུད་ཐོབ་ཆོག་ཆོག་ཡོད་མེད།

མ་དངུལ་རྩིས་ཐོ།

ཁེ་ཕན་ལྟག་སྤྲོད་ཕྱིར་བཏོན།

ཀུན་སྤྱོད་རྣམ་གཞག་ངོས་ལེན་གནང་བ།

གྲལ་གཏོགས་པའི་ཁས་ལེན།

མཁོ་ཆས་ཚུ་སླར་འཐོན་ས་གཞན་ལས་སྟོན་ཆོག་པའི་གནང་བ།

བཅོས་མ་རིག་པའི་གསལ་སྟོན།

རྩོམ་པ་པོའི་འགན་འདེབས།(CRediT(https://credit.niso.org/) སྒྲིག་བཀོད)

རྩོམ་ཡིག་དངོས་གཞི།

རྩོམ་ཡིག་པར་སྐྲུན་གྱི་དོན་ལུ་ཞུ་བ་ཕུལ་བའི་སྐབས་ ཡིག་ཆ་གཅིག་(རྩོམ་ཡིག་དངོས་གཞི། ཐིག་ཁྲམ་དང་དཔེ་རིས།) ཡང་ན་ཐིག་ཁྲམ་དང་དཔེ་རིས་ཡིག་ཆ་སོ་སོར་སྦེ། རྩོམ་ཡིག་དངོས་གཞི་འདི་ཡང་ Microsoft Word (.doc or .docx) སྒྲིག་བཀོད་ནང་ལུ་གནང་དགོཔ་ཨིན།

གཤམ་གསལ་བཀོད་ཁྲམ་ནང་ཡོད་པའི་རྩོམ་ཡིག་གི་དབྱེ་ཁག་རྣམ་པ་མ་འདྲཝ་ཚུ་པར་སྐྲུན་གྱི་དོན་ལུ་དུས་དེབ་ནང་ཚུདཔ་ཨིན།

རྩོམ་ཡིག་དབྱེ་ཁག།

བཅུད་བསྡུས།

རྩོམ་ཡིག་དངོས་གཞི།

དྲན་གསོ།

ཞིབ་འཚོལ་རྩོམ་ཡིག།

ཚིག་འབྲུ་༢༥༠། སྒྲིག་བཀོད་ལྡན་པ།

ཚིག་འབྲུ་༢༠༠༠-༢༥༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༤༠ ཚུན།

དགོས་མཁོ་དང་འཁྲིལ་ཀུན་སྤྱོད་རྣམ་གཞག་གི་གནང་བ།

སྔོན་འགྲོའི་གྲུབ་འབྲས།

ཚིག་འབྲུ་༢༥༠། སྒྲིག་བཀོད་ལྡན་པ།

ཚིག་འབྲུ་༡༥༠༠། ཐིག་ཁྲམ་༥ ཚུན། ཁུངས་གཏུགས་ཐོ་༡༠ ཚུན།

ཚིག་འབྲུ་༢༥༠། རིམ་མེད།

རྩོམ་སྒྲིག་པ།

-

ཚིག་འབྲུ་༡༠༠༠-༡༥༠༠། ཁུངས་གཏུགས་ཐོ་༥ ཚུན།

མགྲོན་ཞུ་རྩོམ་ཡིག།

བསྐྱར་ཞིབ་རྩོམ་ཡིག།

ཚིག་འབྲུ་༢༥༠ རིམ་མེད།

ཚིག་འབྲུ་༣༠༠༠-༥༠༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། དགོས་མཁོ་ལྡན་པའི་ཁུངས་གཏུགས་ཐོ།

-

རིམ་ལྡན་བསྐྱར་ཞིབ་རྩོམ་ཡིག།

ཚིག་འབྲུ་༢༥༠། སྒྲིག་བཀོད་ལྡན་པ།

ཚིག་འབྲུ་༣༠༠༠-༥༠༠༠། རེའུ་མིག་དང་དཔེ་རིམ་དགོས་མཁོ་ལྡན་པའི་ཁུངས་གཏུགས་ཐོ།

-

རྒྱས་བཤད།

ཚིག་འབྲུ་༢༥༠། རིམ་མེད།

ཚིག་འབྲུ་༢༥༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༡༠ ཚུན།

དོན་ཚན་འདི་གི་ཐོག་ལུ་གྲོས་བསྡུར་ཡང་དག་འབད་ཡོདཔ། གནས་སྡུད་དགོཔ་མེད།

མཐོང་ཚུལ།

ཚིག་འབྲུ་༢༥༠། རིམ་མེད།

༣༠༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༡༠ ཚུན།

དོན་ཚན་འདི་ལུ་ངོ་རྐྱང་གི་བསམ་འཆར། དོན་ཚན་འདི་གུར་དབྱེ་ཞིབ་ཡང་དག་འབད་དེ་ཧེ་མ་ལས་ལྷག་པའི་གོ་དོན་ཐོབ་ཡོདཔ།

གྲོས་ཚོགས་བཅུད་བསྡུས།

ཚིག་འབྲུ་༢༥༠། རིམ་མེད།

ཚིག་འབྲུ་༢༠༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༡༠ ཚུན།

གྲོས་ཚོགས་ཀྱི་སྐབས་དོན་ནང་པར་སྐྲུན་འབད་ཡོདཔ། བརྗོད་དོན་བཅུད་བསྡུས།

གནད་དོན་ཞིབ་འཇུག་སྙན་ཞུ།

ཚིག་འབྲུ་༡༥༠། རིམ་མེད།

ཚིག་འབྲུ་༡༥༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༥ ཚུན།

དགོས་མཁོ་དང་འཁྲིལ་ཀུན་སྤྱོད་རྣམ་གཞག་གནང་བ་དང་བཅའ་མར་གཏོགས་མིའི་ཁས་ལེན་ཡིག་གུ།

ཞུན་དག་པ་ལུ་ཞུ་བ།

-

ཚིག་འབྲུ་༡༠༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་ ༡ ཚུན། ཁུངས་གཏུགས་ཐོ་༥ ཚུན།

ཞུན་དག་་པ་དང་བརྡ་སྤྲོད་ལེན་འབད་ཡོདཔ།།

གནས་ཚུལ།

-

ཚིག་འབྲུ་༡༠༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་༢ ཚུན། ཁུངས་གཏུགས་ཐོ་༥ ཚུན།

དུས་མཐུན་བཟོ་ཡོད་པའི་གནས་ཚུལ་གཙོ་བོའི་སྙན་ཞུ་ངོ་མ།

ནུས་ཁྱད་ལྡན་པའི་རྩོམ་ཡིག།

རིམ་མེད།

ཚིག་འབྲུ་༡༥༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་༢ ཚུན། ཁུངས་གཏུགས་ཐོ་༡༥ ཚུན།

གསོ་བའི་སྲིད་བྱུས་དང་ལག་ལེན་ཡར་དྲག་གི་དོན་ལུ་ནུས་ཁྱད་ལྡན་པའི་བརྗོད་དོན་ནང་ལུ་གྲོས་བསྡུར་ཡང་དག་འབད་ཡོདཔ།

ས་གནས་སྙན་ཞུ།

ཚིག་འབྲུ་༢༥༠། རིམ་མེད།

ཚིག་འབྲུ་༢༠༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོོ་༡༠ ཚུན།

ས་གནས་ཚུ་ནང་བལྟ་བསྐོར་དང་ལས་རིམ་ཚུ་གི་སྙན་ཞུ།

གསོ་བ་རིག་པ་དང་འབྲེལ་བའི་པར་རིས།

-

སྔོ་སྨན་ས་སྨན་རྡོ་སྨན་ལ་སོགས་པའི་པར་རིས་དང་ནད་པའི་པར་རིས། པར་རིས་ཀྱི་འགྲེལ་བཤད་ཚིག་འབྲུ་༢༥༠ ཚུན། རིམ་མེད། ཁུངས་གཏུགས་ཐོ་༣ ཚུན།

ནད་པའི་པར་རིས་ཨིན་པ་ཅིན་ ནད་པའི་ཁས་ལེན་ཡི་གུ་དགོ།

རྩོམ་ཡིག་གི་དོན་ཚན་དངོས་གཞིའི་ཡིག་ཆ་འདི་ བཅོ་ཁ་དང་ཞུན་དག་འབད་བཏུབ་པའི་ཡིག་ཆའི་རྣམ་པ་ནང་འོང་དགོཔ་དང་། འདི་ནང་ལུ་ཚང་དགོཔ་ཚུ་ཡང་།

སྒྲིག་བཀོད་ལྡན་པའི་བཅུད་དོན། (ངོ་སྤྲོད། ཐབས་ལམ། གྲུབ་འབྲས། མཇུག་བསྡུ།) ཡང་ན་རིམ་སྒྲིག་མེད་པའི་བཅུད་དོན།

གཙོ་ཚིག་ལྔའམ་བདུན་ལྡན་པ། (སྨན་བཅོས་ཀྱི་ཡན་ལག་འགོ་བརྗོད། འོས་འབབ་ཅན་གྱི་ཚིག་འབྲུའམ་མིང་ཚིག་དོན་ཚན་དང་ཚིག་དོན་ངོ་མའི་ནང་མ་ཚུད་མི།) རྩོམ་ཡིག་རྫོང་ཁའི་ནང་ཨིན་པ་ཅིན་བཅུད་དོན་དང་། དོན་ཚན། གཙོ་ཚིག་ཚུ་དབྱིན་སྐད་ནང་བསྒྱུར་དགོ། རྒྱབ་རྟེན་དཔེ་ཐོ་རྫོང་ཁ་ནང་ཨིན་མི་ཚུ་ཡང་ རྩོམ་བྲིས་པའི་མིང་དང་། དོན་ཚན། གཞན་དཔེ་བསྐྲུན་གྱི་ཁ་གསལ་ཚུ་དབྱིན་སྐད་ནང་ཕབ་སྒྱུར་འབད་དགོ།

དངོས་གཞིའི་ནང་ཨིན་པ་ཅིན་སྒྲིག་བཀོད་དེ་ཡང་། ངོ་སྤྲོད་དང། ཐབས་ལམ། (ཐབས་ལམ་དང་འབྲེལ་བའི་དགོས་མཁོ་གཞན་ཡང་གལ་སྲིད་དགོ་པ་ཅིན།) གྲུབ་འབྲས། གྲོས་བསྡུར། མཇུག་བསྡུ།

རྒྱབ་རྟེན།

ཐིག་ཁྲམ། (ཐིག་ཁྲམ་ཆ་མཉམ་ར་དོན་ཚན་དང་མཇུག་མཆན་ཚུ་བཏགས་ཏེ་ རྩོམ་ཡིག་གི་མཇུག་ལུ་བཙུགས་དགོཔ་ཨིན།)

པར་རིས་ས་ཁྲ། ས་ཁྲ་ནང་འཁོད་ཡོད་མི་ཚུ་གེ་ར་ཡིག་དོན་ནང་འབྲི་དགོཔ་དང་། པར་རིས་ཚུ་ཡང་ཡིག་སྣོད་སོ་སོ་སྦེ་བཙུགས་དགོ།

ཁུངས་གཏུགས་ཁྱད་རྣམ།

དུས་དེབ་འདི་བེན་ཀུ་བར་ (Vancouver) ཁྱད་རྣམ་སྒྲིག་བཀོད་འདི་ལག་ལེན་འཐབ་ཨིན།

དཔྱེ་འབད་བ་ཅིན།

Smith A, Jones B, Clements S. Clinical transplantation of tissue-engineered airway. Lancet 2008;372:1201–09.

Hourigan P. Ankle injuries. In: Chan D, ed. Sports medicine. London:Elsevier, 2008: 230– 47.

མ་དངུལ།

ཞིབ་འཚོལ་ཡང་ན་ རྩོམ་ཡིག་འདི་གི་དོན་ལུ་ མ་དངུལ་ག་ཏེ་ལས་ཐོབ་སྟེ་ཡོད་ག་ཆ་མཉམ་ཐོ་བཀོད་སོ་སོ་སྦེ་བཀོད་དགོ། དེ་གིས་མ་ཚད་མ་དངུལ་ཚུ་འཁྲུལ་བའམ་འཛོལ་བ་མེད་པའི་ཁར། མ་དངུལ་བྱིན་མི་གི་གཙུག་སྡེ་ལ་སོགས་པ་ཚུ་ ཧིང་སང་ས་སྦེ་བཙུགས་ནི་ཚུ་ཁྱོད་རའི་འགན་ཁུར་ཨིན།

རྩོམ་བྲིས་པའི་གོ་གནས།

ཐོ་བཀོད་འབད་དེ་ཡོད་མི་རྩོམ་བྲིས་པ་ཆ་མཉམ་གྱིས་ རྩོམ་ཡིག་འདི་ལུ་རྒྱབ་སྐྱོར་རྒྱ་ཆེ་དྲག་སྦེ་གནང་བའི་ཁར། མཐའ་དཔྱད་འབྱོར་བའི་རྩོམ་ཡིག་ལུ་ངོས་ལེན་ཡོད་མི་དགོ། རྩོམ་བྲིས་པའི་གོ་གནས་ཚད་གཞི་གི་དོན་ལུ་ journal policy(https://bsj.com.bt/index.php/bsj/journal-policy-dzongkha) འདི་ནང་གཟིགས་གནང་། རྩོམ་ཡིག་ག་རའི་ནང་རྩོམ་བྲིས་པའི་རྒྱབ་སྐྱོར་ཚུ་ག་དེ་སྦེ་ར་འདུག་ག་ ལེགས་ཤོམ་སྦེ་གདོང་ཤོག་ནང་བཀོད་དགོཔ་འདི་ རྩོམ་བྲིས་པའི་འགན་འཁྲི་ཨིན།

ཀུན་སྤྱོད་རྣམ་གཞག་གི་གནང་བ།

ཞིབ་འཚོལ་ནང་ལུ་འགྲོ་བ་མིའི་འབྲེལ་གཏོགས་རེ་ཡོད་པ་ཅིན་ ས་ཁུལ་ཀུན་སྤྱོད་ཚོགས་ཆུང་ལས་རྩོམ་སྒྲིག་པ་གིས་ ཀུན་སྤྱོད་རྣམ་གཞག་གི་གནང་བ་ལེན་དགོཔ་དང་། དགོངས་ཡངས་ཀྱི་ཞུ་བ་ཕུལ་དགོ། དེ་བཟུམ་སྦེ་འགྲོ་བ་མི་དང་སེམས་ཅན་གྱི་ཞིབ་འཚོལ་རེ་འབྲུག་རྒྱལ་ཁབ་ནང་ལུ་འགོ་འདྲེན་འཐབ་པ་ཅིན་ རྩོམ་སྒྲིག་པ་ཚུ་གིས་གསོ་བའི་ལྷན་ཁག་གི་འོག་ལུ་ཡོད་པའི་ གསོ་བའི་ཞིབ་འཚོལ་ཀུན་སྤྱོད་ཚོགས་ཆུང་དང་། ཡང་ན་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་འོག་ལུ་ཡོད་པའི་ གཙུག་སྡེའི་བསྐྱར་ཞིབ་བཀོད་ཚོགས་ལས་ གནང་བ་གྲུབ་པའི་ཀུན་སྤྱོད་རྣམ་གཞག་གི་ཡི་གུ་འདི་ཕུལ་དགོཔ་ཨིན།

ཁེ་ཕན་ལྟག་སྤྲོད།

རྩོམ་སྒྲིག་པ་གིས་ཁེ་ཕན་ལྟག་སྤྲོད་ཀྱི་ཡི་གུ་གསལ་སྟོན་འདི་འོས་འབབ་དང་བསྟུན་ཏེ་ རྒྱལ་སྤྱིའི་གསོ་བའི་དུས་དེབ་ཞུན་དག་ཚོགས་ཆུང་གི་འབྲི་ཤོག་ ICMJE conflict of interest form(https://www.icmje.org/disclosure-of-interest/) ལག་ལེན་འཐབ་དགོ།

འདྲ་བཤུས་དབང་ཆ་ཡོད་པའི་རྩོམ་ཡིག་འདྲ་སྐྲུན། འདྲ་བཤུས་དབང་ཆ་ཡོད་པའི་ལུང་འདྲེན་ལ་སོགས་པ་ཚུ་ རྩ་ཕན་གཞན་གྱིས་བདག་དབང་འཛིན་ཡོད་མི་ཚུ་ལག་ལེན་འཐབ་པ་ཅིན་ ངོ་སྦྱོར་དང་ངོས་འཛིན་ཚུ་གྲོགས་རམ་གྱི་གྲངས་སུ་བཙུགས་དགོཔ་དང་། འདྲ་སྐྲུན་གྱི་དོན་ལུ་འདྲ་བཤུས་དབང་ཆ་ཡོད་པའི་མི་ངོམ་ཚུ་ལས་གནང་བ་གྲུབ་པའི་ཡིག་ཆ་ཚུ་ལེན་ཏེ་ དུས་དེབ་ཀྱི་ཡིག་ཚང་ལུ་ཕུལ་དགོཔ་ཨིན།

རྩོམ་ཡིག་དང་ཅ་དངོས་ལ་སོགས་པའི་དབང་ཆ་ཡོད་མི་ཚུ་པར་ཡིག་དང་། ཡོངས་འབྲེལ་ཚུ་ནང་བཙུགས་ནི། དེ་བཟུམ་སྦེ་རྩོམ་ཡིག་འབྱོར་བའི་སྐབས་སུ་གནང་བ་ཐོབ་པའི་ཡིག་ཆ་དང་སྦྲགས་བཙུགས་དགོཔ་ཨིན། དེ་འབདཝ་ལས་ཡིག་འབྲེལ་དང་འབྲེལ་མཐུན་འབད་མི་རྩོམ་སྒྲིག་པ་གིས་གནང་བ་གྲོལ་བའི་ཡིག་ཆ་ཚུ་ལེན་ནི་ལུ་འགན་ཁུར་ཕོགཔ་ཨིན།

པར་སྐྲུན་དང་ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་གི་ལམ་སྟོན།

རྩོམ་ཡིག་དང་འབྲེལ་བའི་བདག་སྐྱོང་གི་གནང་བ་དང་། ཀུན་སྤྱོད་དང་འབྲེལ་བའི་འགྲོ་བ་མི་དང་སེམས་ཅན་གྱི་འབྲེལ་གཏོགས། ཁས་ལེན་ཡིག་ཆ་བསྡུ་སྒྲུབ།

དེ་བཟུམ་སྦེ་འོས་འབབ་དང་ལྡན་པའི་ཡིག་ཆ་ཚུ་དགོཔ་སྦེ་ཡོདཔ་ཨིན། དེ་གིས་མ་ཚད་ རྩོམ་ཡིག་འབྱོར་བའི་སྐབས་ལུ་རྩོམ་པ་པོ་འདི་གིས་ཁེ་ཕན་ལྟག་སྤྲོད་གསལ་སྟོན་དང་། ཡང་ན་འདི་མིན་པའི་ཡིག་རིགས་ཚུ་གསལ་སྟོན་འབད་དགོ།

དུས་དེབ་འདི་གི་དཔེ་སྐྲུན་ཀུན་སྤྱོད་རྣམ་གཞག་ཚོགས་ཆུང་གི་ལམ་ལུགས་དང་འཁྲིལ་ཏེ་ལག་ལེན་འཐབ་དོ་ཡོདཔ་ལས།ཚུལ་མིན་གྱི་ལོག་སྤྱོད་དང་འཛིན་སྐྱོང་འབད་ནི་ལས་འཛེམ་ཐབས་ལུ་གཙོ་བོར་བཏོནམ་ཨིན།

དུས་དེབ་འདི་གིས་གསོ་བ་དང་འབྲེལ་བའི་ཞིབ་འཚོལ་གྱི་རྩོམ་ཡིག་འབྲི་བའི་སྐབས་ལུ་འོས་འབབ་ལྡན་པའི་གནས་ཚུལ་བསྡུ་ལེན་གྱི་ལམ་སྟོན་དང་འཁྲིལ་དགོཔ་སྦེ་གཙོ་བོར་བཟུངམ་ཨིན།